ཁྱེད་ལ་ཟུར་མིག་རི་དྭགས་འདྲོགས་འདྲ་ཡོད།
ཚིག གངས་དཔལ།
དབྱངས། དམངས་ཁྲོད།
ལེན་མཁན། ཚེ་རིང་དོན་འགྲུབ།
ཁྱེད་ནི་རི་གླུ་སིང་སིང་ལེན་ལ་དགའ།
ཁྱེད་ནི་རི་གླུ་སིང་སིང་ལེན་ལ་དགའ།
སྙན་འགྱུར་ངག་གི་གྲེ་བ་རྫ་ཆུས་སངས་ཡོད།
རྣ་ལོང་སིལ་སིལ་དགོད་འཛུམ་འཚེར་འཚེར་ཚུར་ཡོང་ན།
ལྷགས་བསིལ་ལུས་ལ་ཕོགས་པའི་སེར་སྣ་སྐྱེས་ཡོང་།
ཆར་བ་ཤག་ཤག་ཁུ་ཡུག་ལྷང་ལྷང་དབྱར་ཐོན་ན།
ཕྲ་ཚོམས་མེ་ཏོག་ཚོགས་ཀྱིས་སྐེ་རྒྱན་བསླ་འདོད།
ཆར་བ་ཤག་ཤག་ཁུ་ཡུག་ལྷང་ལྷང་དབྱར་ཐོན་ན།
ཕྲ་ཚོམས་མེ་ཏོག་ཚོགས་ཀྱིས་སྐེ་རྒྱན་བསླ་འདོད།
ཁྱེད་ལ་ཟུར་མིག་རི་དྭགས་འདྲོགས་འདྲ་ཡོད།
ཁྱེད་ལ་ཟུར་མིག་རི་དྭགས་འདྲོགས་འདྲ་ཡོད།
སྐྱེ་གཟུགས་དྲང་མོ་ལས་ཤིང་གསོམ་དཀར་འཁྲུངས་ཡོད
སྐྲ་ལོ་ཀྱུག་ཀྱུག་འཕྱོར་ལྭ་ལྡེམ་ལྡེམ་ཕར་སོང་ན།
སང་ལོར་བག་མར་འགྲོ་བའི་སེམས་ཁུར་སྐྱེས་ཡོང་།
རླུང་བུ་འུར་འུར་ཁངས་སྐྱ་ཆིལ་ཆིལ་དགུན་ཐོན་ན།
གཞོན་ནུའི་ཤ་དར་ལང་ཚོས་མྱེ་སྒོང་རྒྱག་འདོད།
རླུང་བུ་འུར་འུར་ཁངས་སྐྱ་ཆིལ་ཆིལ་དགུན་ཐོན་ན།
གཞོན་ནུའི་ཤ་དར་ལང་ཚོས་མྱེ་སྒོང་རྒྱག་འདོད།
ཁྱེད་ནི་ང་ཡི་ཁྲེལ་གཞུང་འཚོ་རོགས་ཡིན།
ཁྱེད་ནི་ང་ཡི་ཁྲེལ་གཞུང་འཚོ་རོགས་ཡིན།
ཚིག་གསུམ་མདུད་པའི་ཨ་ལོང་ཡང་ལོང་སྦྲེལ་ཡོད།
གསང་གཏམ་ཤུབ་ཤུབ་མིག་ཆུ་ཉིལ་ཉིལ་སེམས་བྱིན་ན།
ལོ་གསུམ་ལོ་ཤས་འགོར་ཡང་ཡིད་ཆེས་ཡོད་དོ།
ཁྱེད་ཀྱི་དོན་ལ་རི་ཆེན་ཆུ་ཆེན་བརྒལ་དགོས་རུང་།
སྡེ་ཆེན་མྱི་ཁ་ཆེ་ཡང་མཉེས་པོ་གནང་འདོད།
ཁྱེད་ཀྱི་དོན་ལ་རི་ཆེན་ཆུ་ཆེན་བརྒལ་དགོས་རུང་།
སྡེ་ཆེན་མྱི་ཁ་ཆེ་ཡང་མཉེས་པོ་གནང་འདོད།
ཁྱེད་ཀྱི་དོན་ལ་རི་ཆེན་ཆུ་ཆེན་བརྒལ་དགོས་རུང་།
སྡེ་ཆེན་མྱི་ཁ་ཆེ་ཡང་མཉེས་པོ་གནང་འདོད།
སྡེ་ཆེན་མྱི་ཁ་ཆེ་ཡང་མཉེས་པོ་གནང་འདོད།
Chinese PinYin : Cai Rang Dong Zhu Yan Mou Li De Wen Rou Ge Ci
Let Dongzhu "eyes in the gentle" lyrics
Song lyrics of Zheng Bingbing's "walking into Yunfu" original song lyrics of "guitar playing and singing demo". Zheng Bing Bing Zou Jin Yun Fu Ge Ci Yuan Chuang Ji Ta Dan Changdemo Ge Ci
Lyrics of "save the best for last" by Huang yingying. Huang Ying Ying Ge Ci
Song lyrics of Tong Li. Tong Li Shi Ba Xiang Song Zhi San Ge Ci
Lyrics of Zhang Zhilin's "you are not the only one who is sad". Zhang Zhi Lin Shang Xin De Bu Zhi Ni Yi Ge Ge Ci
Wang Xinling's this 》Lyrics. Wang Xin Ling Zhe Ge Ci
Lyrics of the day when Fang Jiwei was born. Fang Ji Wei Cong Sheng Xia Lai De Na Yi Tian Ge Ci
Ju Qi's lyrics of seven sins. Ju Qi Qi Zong Zui Ge Ci
Lyrics of love in Jiuzhai by Gan Yadan. Gan Ya Dan Jiu Zhai Qing Yuan Ge Ci
Lyrics of Tian Zhen's all I have. Tian Zhen Wo De Suo You Ge Ci
Lyrics of Zhao Wei's great director. Zhao Wei Da Dao Yan Ge Ci
Lyrics of seven street cottage in misty forest. Qi Jie Xiao Wu Mi Wu Sen Lin Ge Ci
Lyrics of asking the world by Zhang Xinyu. Zhang Xin Yu Wen Shi Jian Ge Ci